ཁྲི་རལ་པ་ཅན།
༨༥༽ དེར་ལེགས་སྡུག་བཙན་གྱིས་བྲན་ཁ་དཔལ་ཡིན་པ་ཧ་གོ་ནས། སྦས་སྟག་སྣ་དང་ཅོག་རོ་ལྷ་ལོད་ལ་གསང་འཕྲིན་བསྐུར་བས། མྱུར་དུ་འཛིན་བཟུང་ཐུབ་པ་བྱུང༌།
༨༦༽ དེར་ལེགས་སྡུག་གིས། གསོན་པོ་པགས་པ་བཤུ་དགོས་ཟེར། ཅོག་རོ་ལྷ་ལོད་ཀྱིས་གསོན་སྲེག་བྱེད་དགོས་ཟེར་ནས་སྡིགས་མཛུབ་བཙུགས།
༨༧༽ སྦས་སྟག་སྣས། “ཐོག་མར་ཁོང་ཁྲོམ་སྐོར་ལ་ཁྲིད་དེ་ཉེས་པ་བསྒྲགས། བན་དེ་ཚོ་ངོ་ཚ་བོ་དང་མི་མང་ལ་ཁོང་ཁྲོ་སློང་དགོས། དེ་ནས་དམར་གསོད་གཏོང་ཆོག” ཅེས་ཁོང་འཛུམ་དང་བཅས་བཤད།
༨༨༽ དེ་ནས་ཐག་པས་བཀྱིགས། མགྲིན་པ་བསྒགས་ཏེ་ཁྲོམ་སྐོར་ལ་ཁྲིད་པས། སྡིག་བློན་འཁོར་དང་ནག་ཕྱོགས་པ་དག་དགའ་ནས་ཁ་རྡུང་དང་མཆིལ་ཞགས་བཏབ། བན་དེ་དང་ཆོས་དད་ཅན་ཚོ་སྙིང་རྗེ་ཞིང་ཡིད་ཕམ་ནས་བལྟ་ཡང་མ་བཟོད།
༨༩༽ དེར་ཅོག་རོ་ལྷ་ལོད་ཀྱིས། "བན་དེར་མཛུབ་མོ་བཙུགས་ན་མཛུབ་མོ་འབྲེག་དགོས་ཟེར་མཁན་ཁྱོད་མིན་ནམ། ད་ཁྱོད་ཀྱི་མཛུབ་མོ་གཅོད་དོ།།" ཟེར་ནས་ཆུ་གྲི་ཞིག་ཕྱུངས་ཏེ་དུམ་སེ་བཅད།